词一曲-热门歌词大全网!

轮回歌词

流行歌词 发布时间:2020-01-07 19:22阅读次数:88来源:网络作者:词一曲
歌曲名称:  歌曲演唱:  填词:

轮回歌词

༄༅། །འཁོར་བ།
轮回
作词:佚名
作曲:佚名
演唱:西部.罗扎
འཇིག་རྟེན་འཁོར་བ་དུག་སྦྲུལ་ཚང་ལྟ་བུ།世间轮回如蛇窝
འཁོར་བའི་ལས་ནི་ཁབ་ཀྱི་རྩེ་མོ་དངོས།།轮回业力如针尖
དེ་ཕྱིར་འཁོར་བའི་འདོད་ཡོན་ཕུན་ཚོགས་ལ།།勿将物欲视为宝
ཧ་ཅང་ཞེན་པ་མ་སྐྱེས་བདག་གི་གྲོགས།།请您开启智慧眼
འདོད་ཡོན་ཕུན་ཚོགས་ཆགས་སྡང་སྐྱེས་བའི་རྒྱུ།།物欲诱发贪嗔痴
དོན་འགྲུབ་སྒོར་མོ་མི་སེམས་དཀྲུགས་པའི་རྐྱེན།།金钱搅扰清净心
དེ་ཕྱིར་དཔལ་འབྱོར་དོན་འགྲུབ་སྒོར་མོ་ལ།།勿将钱财视为宝
ཧ་ཅང་རྔམ་པ་མ་བྱེད་བདག་གི་གྲོགས།།请您升起智慧心
ཟག་བཅས་ཕུང་པོ་སྡུག་བསྔལ་རང་བཞིན་དེ།།人身有漏本质苦
མི་གཙང་ཤ་ཁྲག་རྣག་གིས་གྲུབ་པ་ཡིན།།血肉之躯皆不净
དེ་ཕྱིར་མི་གཙང་ལུས་ཀྱི་ཕུང་པོ་ལ།།勿将身体视为宝
ཧ་ཅང་གཙང་བ་མ་འཛིན་བདག་གི་གྲོགས།།请您修炼智慧身
བརྩེ་དུང་ཟབ་མོ་འདོད་ཆགས་དབང་ཡིན་པས།།爱情实为欲望果
ཕུན་ཚུན་དུང་ཡང་མི་བརྟན་བསླུ་བའི་ལས།།相爱终有别离时
དེ་ཕྱིར་འདོད་ཆགས་བརྩེ་དུང་ལོག་གཡེང་ལ།།勿将肉欲视为宝
ཧ་ཅང་ཡིད་རྟོན་མ་གནོངས་བདག་གི་གྲོགས།།请您开启智慧眼
སྐྱབས་ཀྱི་མཐར་ཐུག་དཀོན་མཆོག་གསུམ་ཡིན་པས།།最终解脱靠三宝
དཔལ་འབྱོར་སྒོར་མོར་སྐྱབས་སུ་མ་བཅོལ་གནོངས།།钱财不能解痛苦
གཏན་གྱི་བདེ་བ་ཐར་པ་ཐོབ་འདོད་ན།།若想获得终解脱
དགེ་སྡིག་བླང་དོར་བྱེད་རོགས་གྲོགས་པོ་ཚོ།།请您慧眼识取舍
དགེ་སྡིག་བླང་དོར་བྱེད་རོགས་གྲོགས་པོ་ཚོ།།请您慧眼识取舍

词一曲 Copyright @ 2011-2018 词一曲歌词 All Rights Reserved. 版权所有备案号:

联系QQ: 邮箱地址: